700字范文,内容丰富有趣,生活中的好帮手!
700字范文 > 果洛州社会保障卡的申领及使用解答(双语)

果洛州社会保障卡的申领及使用解答(双语)

时间:2024-01-08 18:22:26

相关推荐

果洛州社会保障卡的申领及使用解答(双语)

སྤྱི་ཚོགས་འགན་སྲུང་བྱང་བུའི་རེ་ཞུ་དང་

བེད་སྤྱོད་འགྲེལ་བཤད།

མགོ་ལོག་ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ།

མགོ་ལོག་ཁུལ་སྨན་བཅོས་འགན་སྲུང་ཅུའུ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་ཚོགས་འགན་སྲུང་བྱང་བུ་ནི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཀུང་སིས་གཅིག་གྱུར་འཆར་འགོད་བྱས་པ་ཡིན་ལ། དེ་ནི་ས་གནས་ཁག་གི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་གྱིས་སྤྱི་ཚོགས་ལ་དམིགས་ཏེ་འགྲེམས་སྤེལ་བྱས་ཤིང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གི་ལས་སྒོའི་ཁྱབ་ཁོངས་ཁག་བསྡུ་ལེན་བྱེད་པའི་ཕྱོགས་བསྡུས་གློག་ནུས་༼IC༽བྱང་བུ་ཞེས་པ་དེ་ཡིན།

༡སྤྱི་ཚོགས་འགན་སྲུང་བྱང་བུ་ཡི་བྱེད་ནུས་པ་ཅི་ཞིག་ཡིན།

བྱང་བུ་སྤྱོད་མཁན་གྱིས་བྱང་བུ་ལ་བརྟེན་ནས་སྨན་བཅོས་འགན་བཅོལ་དུས་ཐོག་ཏུ་མཇུག་རྩིས་རྒྱག་ཆོག་པ་མ་ཟད། ད་དུང་རྒན་གསོའི་འགན་བཅོལ་ལས་དོན་གཉེར་ཆོག་ལ། ཐོ་འགོད་དང་ལས་ཤོར་ཐོ་འགོད་ཀྱི་འགྲོ་ལུགས་སྒྲུབ་པ། ལས་ཤོར་འགན་བཅོལ་དངུལ་འབབ་ལེན་པར་རེ་ཞུ་བྱེད་པ།ལས་ཞུགས་གསོ་སྦྱོང་ལ་ཞུགས་རྒྱུའི་རེ་འདུན་ཞུ་བ། ངལ་རྩོལ་ནུས་པ་གསལ་འབྱེད་དང་ལས་རྨས་འགན་བཅོལ་གྱི་ཐོབ་ཐང་ལོངས་སྤྱོད་བྱ་རྒྱུའི་རེ་ཞུ་བྱེད་པ། དྲ་བ་བརྒྱུད་དེ་འབྲེལ་ཡོད་ངལ་རྩོལ་དང་སྤྱི་ཚོགས་འགན་སྲུང་གི་ལས་དོན་སོགས་བསྒྲུབ་ཐུབ།

༢སྤྱི་ཚོགས་འགན་སྲུང་བྱང་བུ་ཇི་ལྟར་སྒྲུབ་དགོས།

མགོ་ལོག་ནང་ཁུལ་དུ་ལས་ཞུགས་བྱེད་པའམ་ཡང་ན་འགན་བཅོལ་ནང་ཞུགས་པའི་ཀྲུང་གོའི་སྤྱི་དམངས་དང་། ཕྱི་རྒྱལ་བ། ཤང་ཀང་། ཨའོ་མོན། ཐའེ་དབན་བཅས་ཀྱི་མི་སྣ་དང་། ཕྱིར་སྡོད་རང་མི་བཅས་ཀྱིས་ས་གནས་དེ་གའི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་གྱི་སྤྱི་ཚོགས་འགན་སྲུང་བྱང་བུའི་ཞབས་ཞུའི་སྐར་ཁུང་དུ་སྤྱི་ཚོགས་འགན་སྲུང་བྱང་བུ་ལེན་པར་རེ་ཞུ་བྱེད་ཆོག

༣སྤྱི་ཚོགས་འགན་སྲུང་བྱང་བུ་ཇི་ལྟར་བེད་སྤྱོད་བྱེད་པ་ཡིན།

བྱང་བུ་སྤྱོད་མཁན་གྱིས་བྱང་བུ་བླངས་རྗེས་ངེས་པར་དུ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་གྱི་སྤྱི་ཚོགས་འགན་སྲུང་བྱང་བུའི་ཞབས་ཞུའི་སྐར་ཁུང་ངམ་ཡང་ན་ཞབས་ཞུའི་དངུལ་ཁང་དང་སྨན་བཅོས་འགན་བཅོལ་གྱི་སྒྲིག་གཞིའི་ས་གནས་བརྒྱུད་དེ་ཐོག་མའི་གསང་ཨང་གཏན་འཁེལ་བྱེད་པ་དང་ནུས་སྐུལ་བྱས་རྗེས་སྤྱི་ཚོགས་འགན་བཅོལ་གྱི་ནུས་པ་ཐོན་པ་ཡིན།

༤སྤྱི་ཚོགས་འགན་སྲུང་བྱང་བུ་བཀོལ་སྤྱོད་བྱེད་པའི་གནས་ཚུལ་ཇི་ལྟར་

འདྲི་རྩད་བྱ་དགོས།

བྱང་བུ་སྤྱོད་མཁན་གྱིས་བྱང་བུ་བླངས་རྗེས་ས་གནས་དེ་གའི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་གྱི་སྤྱི་ཚོགས་འགན་སྲུང་བྱང་བུའི་ཞབས་ཞུའི་སྐར་ཁུང་ངམ་ཡང་ན་སྨན་བཅོས་འགན་བཅོལ་གྱི་གཏན་འཁེལ་ས་གནས་དང་སྨན་བཅོས་སྒྲིག་གཞིར་སྤྱི་ཚོགས་འགན་སྲུང་བྱང་བུ་བཀོལ་སྤྱོད་གནས་ཚུལ་དུས་ཐོག་ཏུ་འདྲི་རྩད་བྱེད་ཆོག

༥སྤྱི་ཚོགས་འགན་སྲུང་བྱང་བུ་བཀོལ་སྤྱོད་ལོག་རྗེས་

ཟྭ་ཇི་ལྟར་འབྱེད་དགོས།

བྱང་བུ་སྤྱོད་མཁན་གྱིས་བྱང་བུ་སྤྱོད་སྟངས་མི་འཚམ་པའམ་ཡང་ན་གསང་ཨང་ཞུ་དག་བྱེད་ཚད་ལས་བརྒལ་ནས་སྤྱི་ཚོགས་འགན་ལེན་བྱང་བུ་སྤྱོད་ལུགས་མ་ལེགས་པར་ཟྭ་གཏན་ན།བྱང་བུ་སྤྱོད་མཁན་གྱིས་ངེས་པར་དུ་ནུས་ཐོན་ཐོབ་ཐང་ལག་ཁྱེར་དང་སྤྱི་ཚོགས་འགན་ལེན་བྱང་བུ་ཁྱེར་ནས་ས་གནས་དེ་གའི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་གྱི་སྤྱི་ཚོགས་འགན་ལེན་བྱང་བུའི་ཞབས་ཞུའི་སྐར་ཁུང་དུ་ཟྭ་འབྱེད་བྱེད་དགོས།

༦སྤྱི་ཚོགས་འགན་སྲུང་བྱང་བུའི་སྤྱི་ཚོགས་འགན་སྲུང་གསང་ཨང་ཇི་ལྟར་

བཟོ་བཅོས་དང་བསྐྱར་འཇོག་བྱེད་དགོས།

སྤྱི་ཚོགས་འགན་སྲུང་བྱང་བུའི་གསང་ཨང་ནི་སྤྱི་ཚོགས་འགན་སྲུང་ཉེར་སྤྱོད་གསང་ཨང་ཡིན་པ་དང་༼བྱང་བུའི་ནང་དུ་མི་སྒེར་དབྱེ་འབྱེད་PINཨང་། ༽དངུལ་ཁང་རྩིས་ཐོའི་གསང་ཨང་གཉིས་སུ་དབྱེ་ཡོད་ལ། བྱང་བུ་སྤྱོད་མཁན་གྱིས་སྤྱི་ཚོགས་འགན་སྲུང་བྱང་བུ་ཡི་གསང་ཨང་བརྗེད་པའམ་ཡང་ན་གསང་ཨང་རིམ་གནོན་བྱས་ཏེ་གསང་ཨང་ལ་ཟྭ་གཏན་པའི་གནས་ཚུལ་བྱུང་ན།བྱང་བུ་སྤྱོད་མཁན་གྱིས་ངེས་པར་དུ་ནུས་ཐོན་ཐོབ་ཐང་ལག་ཁྱེར་དང་སྤྱི་ཚོགས་འགན་སྲུང་བྱང་བུ་ཁྱེར་ནས་ས་གནས་དེ་གའི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་གྱི་སྤྱི་ཚོགས་འགན་སྲུང་བྱང་བུའི་ཞབས་ཞུའི་སྐར་ཁུང་ལ་སོང་ནས་ཟྭ་འབྱེད་འགྲོ་ལུགས་སྒྲུབ་དགོས།

༧ སྤྱི་ཚོགས་འགན་སྲུང་བྱང་བུའི་བོར་ཐོ་ཇི་ལྟར་འགོད་དགོས།

སྤྱི་ཚོགས་འགན་སྲུང་བྱང་བུ་བོར་བརླག་སོང་ཚེ་ངེས་པར་དུ་ནུས་ཐོན་ཐོབ་ཐང་ལག་ཁྱེར་ཁྱེར་ནས་ས་གནས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་གྱི་སྤྱི་ཚོགས་འགན་སྲུང་བྱང་བུའི་ཞབས་ཞུའི་སྐར་ཁུང་ངམ་ཡང་ན་ཞབས་ཞུའི་དངུལ་ཁང་དུ་བོར་ཐོ་འགོད་པའི་འགྲོ་ལུགས་སྒྲུབ་ཅིང་དེར་མི་སྒེར་གྱི་ཁེ་དབང་དང་དེ་བཞིན་

རྩིས་ཁྲའི་མ་དངུལ་ལ་གནོད་འཚེ་མི་ཕོག་པ་བྱེད་དགོས།

༨སྤྱི་ཚོགས་འགན་སྲུང་བྱང་བུའི་ཆ་འཕྲིན་ཇི་ལྟར་བསྒྱུར་དགོས།

༼གཅིག ༽བྱང་བུ་སྤྱོད་མཁན་གྱི་རུས་མིང་དང་སྤྱི་ཚོགས་འགན་སྲུང་ཨང་གྲངས་སོགས་འགག་རྩའི་ཆ་འཕྲིན་ལ་འགྱུར་བ་བྱུང་ཚེ། ངེས་པར་དུ་ནུས་ཐོན་ཐོབ་ཐང་ལག་ཁྱེར་དང་སྤྱི་ཚོགས་འགན་སྲུང་བྱང་བུ།སྤྱི་བདེ་ལས་ཁུངས་བཅས་ནས་བཏོན་པའི་འགྱུར་ལྡོག་བདེན་དཔང་ཁྱེར་ཏེ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་གྱི་སྤྱི་ཚོགས་འགན་སྲུང་བྱང་བུའི་ཞབས་ཞུའི་སྐར་ཁུང་ནས་འགྱུར་ལྡོག་ལས་དོན་སྒྲུབ་དགོས་པ་དང་།སྤྱི་ཚོགས་འགན་སྲུང་བྱང་བུའི་ཞབས་ཞུའི་སྐར་ཁུང་ནས་གཏན་འཁེལ་བྱས་རྗེས་འགྲོ་ལུགས་སྒྲུབ་དགོས།

༼ གཉིས། ༽བྱང་བུ་སྤྱོད་མཁན་གྱི་འབྲེལ་གཏུག་ཁ་པར་དང་ས་གནས་སོགས་འགག་རྩའི་ཆ་འཕྲིན་མིན་པའི་རིགས་ལ་འགྱུར་ལྡོག་བྱུང་ཚེ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་གྱི་སྤྱི་ཚོགས་འགན་སྲུང་བྱང་བུའི་ཞབས་ཞུའི་སྐར་ཁུང་དང་། ཞབས་ཞུའི་དངུལ་ཁང་གི་དྲ་ཚིགས། རང་འགུལ་ཞབས་ཞུའི་སྒྲིག་ཆས་བཅས་ལ་བརྟེན་ནས་ལས་གཉེར་ཆོག་འགྲོ་ལུགས་སྒྲུབ་ཆོག

༩སྤྱི་ཚོགས་འགན་སྲུང་བྱང་བུ་ཇི་ལྟར་བོར་སེལ་བྱེད་དགོས།

བོར་ཐོ་བཀོད་པའི་སྤྱི་ཚོགས་འགན་སྲུང་བྱང་བུ་ཁ་གསབ་ཀྱི་འགྲོ་ལུགས་མ་སྒྲིབ་གོང་སླར་རྙེད་ཚེ། ངེས་པར་དུ་ནུས་ཐོན་ཐོབ་ཐང་ལག་ཁྱེར་དང་སྤྱི་ཚོགས་འགན་སྲུང་བྱང་བུ་ཁྱེར་ནས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་གྱི་སྤྱི་ཚོགས་འགན་སྲུང་བྱང་བུའི་ཞབས་ཞུའི་སྐར་ཁུང་དུ་བོར་སེལ་འགྲོ་ལུགས་སྒྲུབ་དགོས་ལ།དངུལ་ཁང་གི་རྩིས་ཐོ་བོར་སེལ་བྱེད་པར་དངུལ་ཁང་དྲ་ཚིགས་སུ་འགྲོ་ལུགས་གཉེར་དགོས།

༡༠ སྤྱི་ཚོགས་འགན་སྲུང་བྱང་བུ་ཇི་ལྟར་གསབ་ལེན་དང་། བརྗེ་ལེན།

བརྗེ་སྤྲོད་བཅས་བྱེད་དགོས།

སྤྱི་ཚོགས་འགན་སྲུང་བྱང་བུ་བོར་བརླག་སོང་བ་དང་ནུས་ཐོན་དུས་ཡུན་བརྒལ་བ།སྐྱོན་ཤོར་བ།ཆ་མི་ཚང་བར་ངོས་འཛིན་བྱེད་མི་ཐུབ་པའི་རིགས། བྱང་བུ་བདག་གིར་འཛིན་མཁན་གྱི་རྣམ་པ་དང་བྱང་བུའི་སྟེང་གི་འདྲ་པར་ལ་བར་ཁྱད་ཅུང་ཆེ་བ།བྱང་བུ་སྤྱོད་མཁན་གྱི་རུས་མིང་དང་སྤྱི་ཚོགས་འགན་སྲུང་ཨང་གྲངས་སོགས་བྱང་བུའི་པར་འདེབས་མི་སྒེར་གྱི་ཆ་འཕྲིན་རྣམ་གྲངས་ལ་ནོར་འཁྲུལ་བྱུང་བའམ་ཡང་ན་འགྱུར་བ་བྱུང་བ་སོགས་ཀྱི་གནས་ཚུལ་ཡོད་ཚེ།བྱང་བུ་སྤྱོད་མཁན་གྱིས་ངེས་པར་དུ་ནུས་ཐོན་ཐོབ་ཐང་ལག་ཁྱེར་ཁྱེར་ནས་ཞབས་ཞུའི་དངུལ་ཁང་གི་སྐབས་འཕྲལ་བྱང་བུ་བཟོ་སའི་དྲ་ཚིགས་སུ་བྱང་བུ་གསབ་ལེན་གྱི་འགྲོ་ལུགས་གཉེར་དགོས། རུས་མིང་ལ་སྐོང་ཡིག་ཡོད་པའམ་ཡང་ན་ཞིང་ཆེན་ཕྱི་རོལ་དུ་སྡོད་པ་མ་ཟད་ལས་ཚབ་ཀྱང་མེད་པས་འཕྲལ་དུ་བྱང་བུ་བཟོ་བའི་ལས་སྒོ་གཉེར་མི་ཐུབ་པར།ངེས་པར་དུ་བྱང་བུ་བཟོ་མཁན་ནམ་ཡང་ན་དེའི་ལས་ཚབ་པས་ཐོབ་ཐང་ལག་ཁྱེར་ཁྱེར་ནས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་གྱི་སྤྱི་ཚོགས་འགན་སྲུང་བྱང་བུའི་ཞབས་ཞུའི་སྐར་ཁུང་ལས་བྱང་བུ་བཟོ་

སྐབས་བྱང་བུ་གསབ་ལེན་གྱི་འགྲོ་ལུགས་གཉེར་དགོས།

༡༡སྤྱི་ཚོགས་འགན་སྲུང་བྱང་བུ་ཇི་ལྟར་ཐོ་ཁོངས་ནས་བསུབ་དགོས།

བྱང་བུ་སྤྱོད་མཁན་རྐྱེན་ལམ་དུ་ཤོར་བ་དང་། ཕྱི་རྒྱལ་༼ མངའ་ཁོངས། ༽དུ་གཞི་སྡོད་བྱས་པ། གར་སོང་མི་ཤེས་པ་སོགས་ཀྱི་རྐྱེན་གྱིས་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཞབས་ཞུ་བྱེད་ཐབས་མེད་པར་མཚམས་འཇོག་དགོས་ཚེ།བྱང་བུ་སྤྱོད་མཁན་ནམ་ཡང་ན་དེའི་ལས་ཚབ་ཀྱིས་ངེས་པར་དུ་ནུས་ཐོན་ཐོབ་ཐང་ལག་ཁྱེར་དང་། སྤྱི་ཚོགས་འགན་སྲུང་བྱང་བུ་དང་དེ་བཞིན་འབྲེལ་ཡོད་བདེན་དཔང་ཡིག་ཆ་ཁྱེར་ནས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་དང་སྤྱི་ཚོགས་འགན་སྲུང་བྱང་བུའི་ཞབས་ཞུའི་དངུལ་ཁང་དུ་སྤྱི་ཚོགས་འགན་སྲུང་བྱང་བུ་མེད་པར་བཟོ་བ་སོགས་ཀྱི་འགྲོ་ལུགས་གཉེར་དགོས།

社会保障卡的申领及使用解答

果洛州人力资源和社会保障局

果洛州医疗保障局

中华人民共和国社会保障卡是由人力资源和社会保障部统一规划,由各地人力资源和社会保障部门面向社会发行,用于人力资源和社会保障各项业务领域的集成电路(IC)卡。1、社会保障卡作用是什么?

持卡人不仅可以凭卡就医进行医疗保险个人账户实时结算,还可以办理养老保险事务;办理求职登记和失业登记手续;申领失业保险金;申请参加就业培训;申请劳动能力鉴定和申领享受工伤保险待遇;在网上办理有关劳动和社会保障事务等。

2、社会保障卡如何申领?

凡在果洛州内就业或参保的中国公民、外国人、港澳台人员、华侨,可在当地人力资源和社会保障部门社会保障卡服务窗口申领社会保障卡。

3、社会保障卡如何?

持卡人在领卡后,须及时通过人力资源和社会保障部门社会保障卡服务窗口或服务银行或医保定点医药机构修改初始密码,激活社保功能。

4、如何查询社会保障卡应用状态?

持卡人在领卡后,可在当地人力资源和社会保障部门社会保障卡服务窗口或医保定点医药机构实时查询社会保障卡应用状态。

5、社会保障卡应用锁定后如何解锁?

持卡人用卡不当或密码校验超限,造成社会保障卡应用锁定,持卡人须携带有效身份证件、社会保障卡到当地人力资源和社会保障部门社会保障卡服务窗口办理解锁。

6、社会保障卡社保应用密码如何修改与重置?

社会保障卡的密码分为社会保障应用密码(存在卡内的个人识别PIN码)和银行账户密码。持卡人社会保障卡密码遗忘或累计验密码超限造成密码锁定的,持卡人须携带有效身份证件、社会保障卡到当地人力资源和社会保障部门社会保障卡服务窗口或办理解锁。

7、社会保障卡如何挂失?

社会保障卡丢失的,持卡人须携带有效身份证件到当地人力资源和社会保障部门社会保障卡服务窗口或服务银行办理挂失手续,避免个人权益及账户资金受到侵害。

8、社会保障卡信息如何变更?

(一)持卡人的姓名、社会保障号码等关键信息发生变化时,须携带有效身份证件、社会保障卡、公安机关出具的变更证明到人力资源和社会保障部门社会保障卡服务窗口办理变更,由社会保障卡服务窗口确认后办理。

(二)持卡人的联系电话、地址等非关键信息发生变化时,可通过人力资源和社会保障部门社会保障卡服务窗口、服务银行网点、自助服务设备办理。

9、社会保障卡如何解挂?

挂失的社会保障卡在未办理补卡手续前找到的,须携带有效身份证件、社会保障卡到人力资源和社会保障部门社会保障卡服务窗口办理解挂手续,银行账户解挂需前往银行网点办理。

10、社会保障卡如何补领、换领、换发?

社会保障卡遗失的;社会保障卡有效期满的;社会保障卡损坏、卡面污损、残缺不能辨认的;持卡人相貌与卡面相片相差较大的;持卡人的姓名、社会保障号码等卡面印刷个人信息项目出现错误或发生变更等,持卡人须携带有效身份证件到服务银行即时制卡网点办理补卡换领手续。因姓名中包含生僻字、或在省外居住且省内无代理人,不能办理即时制卡业务,须持卡人或其代理人携带有效身份证件到人力资源和社会保障部门社会保障卡服务窗口通过批量制卡办理补换领手续。

11、社会保障卡如何注销?

持卡人因死亡、出国(境)定居、失踪等原因终止人力资源社会保障服务的,持卡人或其代理人须携带有效身份证件、社会保障卡及相关证明文件分别到人力资源社会保障部门、社会保障卡服务银行办理社会保障卡注销等手续。

果洛州医疗保障局办理及咨询电话:0975-8381400

本内容不代表本网观点和政治立场,如有侵犯你的权益请联系我们处理。
网友评论
网友评论仅供其表达个人看法,并不表明网站立场。